亲爱的市民朋友们:
首先向你们致以新春的问候!此时此刻,我们即将迎来一个让人难以平静的藏历新年。全国多地的新型冠状病毒肺炎疫情牵动着每个中国人的心,一场没有硝烟的战争已经打响。党中央、国务院高度重视疫情防控,区市党委作出重要指示,全市上下勠力同心、共克时艰。2020年1月30日起,全区已启动重大突发公共卫生事件Ⅰ级响应,全力阻击新型冠状病毒感染的肺炎疫情,全市防控和救治工作正有序开展。
近日,出现了部分市民抢购囤积生活物资的现象,引起了大家的担忧。疫情防控工作开展以来,在市委、市政府的坚强领导下,达孜区商务局与相关部门共同采取有效措施,动态监测供应情况、畅通保供物流通道、建立稳定产销合作、拓宽货源组织渠道、敦促加大采购力度、增加物资储备供给。
目前,达孜市场上糌粑、酥油、粮油、米面、肉菜、日用品等生活物资储备充足,供应充裕,品类丰富,价格基本稳定;全区各超市、及各食品批发零售店均正常营业,请广大市民朋友们不必抢购囤积。同时,希望广大市民朋友不信谣、不传谣,自觉维持市场秩序,理性消费。
让我们攥指成拳,合力致远,在党中央的英明决策下,在区市党委的正确领导下,在全国人民的大力支持下,一定能够打败恐慌情绪,战胜肺炎疫情!
拉萨市达孜区商务局
2020年2月11日
ནུས་ཤུགས་ཡོད་རྒུས་མཁོ་སྤྲོད་འགན་ལེན་ཞུ་རྒྱུ་ཡིན་པས་ཁྱེད་རྣམས་བློ་བདེ་བག་ཕེབས་གནང་རོགས།
རྒྱ་ཆེའི་གྲོང་མི་རྣམས་ལ་ཕུལ་བའི་ཡི་གེ
བརྩེ་བའི་གྲོང་མི་རྣམས་ལ།
ཐོག་མར་ཁྱེད་རྣམ་པར་ལོ་གསར་གྱི་འཚམས་འདྲི་བཞུ་རྒྱུ་དང་སྐབས་འདིར་ང་ཚོས་མི་རིང་བར་སེམས་པ་ལྷིང་འཇགས་མི་ཐུབ་པའི་བོད་ཀྱི་ལོ་གསར་ཞིག་བསུ་བ་ཞུ་རྒྱུ་ཡིན། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱིས་རྒྱལ་ཡོངས་ཕྱོགས་གང་སའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་སེམས་ལ་ཤུགས་རྐྱེན་ཐེབས་ནས་རིམས་ནད་འདིར་འགོག་རྒོལ་བྱེད་འགོ་ཚུགས་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མཐོང་ཆེན་གནང་བ་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱིས་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད་གྲོང་ཁྱེར་ཡོངས་ཀྱི་གང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་བཅས་བྱས་ནས་དུས་མཚམས་ཀྱི་དཀའ་ངལ་མཉམ་སེལ་བྱེད་བཞིན་ཡོད། 2020ལོའི་ཟླ་བ་1ཚེས་30ནས་བཟུང་ལྗོངས་ཡོངས་ལ་གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོ་དང་ལེན་འགོ་བཙུགས་པ་དང་ནུས་ཤུགས་ཡོད་རྒུས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་དང་། གྲོང་ཁྱེར་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་དང་སྲོག་སྐྱོབ་སྨན་བཅོས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
ཉེ་ཆར་གྲོང་མི་ཁག་གཅིག་གིས་ཧབ་ཐོག་བརྒྱབ་ནས་ཅ་དངོས་ཉོ་བ་དང་གསོག་ཉར་བྱེད་པའི་གནད་དོན་ལྷག་ནས་ལྷན་རྒྱས་ཚང་མར་སེམས་ཁྲལ་བཟོས་འདུག རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་བ་ནས་བཟུང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྟོབས་ལྡན་འགོ་ཁྲིད་དང་སྟག་རྩེ་ཆུས་ཚོང་དོན་ཅུད་ཀྱི་འབྲེལ་ཡོད་ཚན་པ་ཁག་དང་མཉམ་དུ་ནུས་ལྡན་བྱ་ཐབས་སྤེལ་ནས་འགུལ་རྣམ་ཐོག་ནས་མཁོ་སྤྲོད་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་། མཁོ་སྤྲོད་འགན་ལེན་གྱི་ཟོག་འགྲེམས་བགྲོད་ལམ་ཤར་གཏོང་། ཐོན་ཚོང་མཉམ་ལས་བརྟན་པོ་འཛུགས་པ། ཐབས་ལམ་སྒྲིག་འཛུགས་བྱས་ནས་ཚོང་ཟོག་ཡོང་ཁུངས་རྒྱ་སྐྱེད་དུ་གཏོང་བ། ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་བ། དངོས་རྫས་གསོག་འཇོག་དང་མཁོ་སྤྲོད་བཅས་མང་དུ་གཏོང་བཞིན་ཡོད།
མིག་སྔར་སྟག་རྩེའི་ཁྲོམ་རའི་ཐོག་རྩམ་པ་དང་མར། བཟའ་སྣུམ། འབྲས། གྲོ་ཞིབ། རྒྱུན་སྤྱོད་དངོས་པོ་སོགས་འཚོ་བའི་མཁོ་ཆས་གསོག་འཇོག་འདང་ངེས་དང་མཁོ་འདོན་ལྷག་མ་ཡོད་པ། དངོས་རིགས་མང་བ། རིན་གོང་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་མེད་ལ། ཆུས་ཡོངས་ཀྱི་སྒོ་རྩིག་ཚོང་ཁང་དང་བཟའ་རིགས་སྡེབ་ཚོང་སིལ་ཚོང་ཁང་རྒྱུན་ལྡན་ལྟར་ཚོང་གཉེར་བྱེད་བཞིན་ཡོད། རྒྱ་ཆེའི་གྲོང་མི་དང་གྲོགས་མཆོག་རྣམ་པས་ཧབ་ཐོག་བརྒྱབ་ནས་ཅ་ལག་ཉོ་བ་དང་གསོག་ཉར་བྱེད་མི་དགོས་ལ་དུས་མཚུངས་རྒྱ་ཆེའི་གྲོང་མི་དང་གྲོག་ཚོགས་ཀྱིས་དཀྲོག་གཏམ་ལ་ཡིད་མི་ཆེད་པ་དང་དཀྲོག་གཏམ་མི་བཤོད་པ། རང་འགུལ་གྱིས་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་། ལུགས་མཐུན་གྱིས་འཛད་སྤྱོད་བྱ་རྒྱུ་བཅས་རེ་བ་ཞུ་རྒྱུ་ཡིན།
ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་ཐབས་ཇུས་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ང་ཚོས་རྡོག་རྩ་གཅིག་སྒྲིལ་བྱས་ན་རིམས་ནད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་ཐུབ་ལ་དངངས་སྐྲག་གི་སེམས་པ་མེད་པ་བཟོ་ཐུབ་པ་མ་ཟད་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཚོང་དོན་ཅུད།
2020ལོའི་ཟླ་2པའི་ཚེས་11ཉིན།