达孜区面向社会公开征集涉企行政执法突出问题线索公告

达孜区人民网站:dzq.lasa.gov.cn    2025年06月13日    访问量:    来源:达孜区政府办公室    作者:董予川

为全面规范涉企行政执法行为,持续优化法治化营商环境,切实维护企业合法权益,根据规范涉企行政执法专项行动部署要求,现面向社会公开征集涉企行政执法突出问题线索,有关事项公告如下:

一、线索征集范围

1.乱收费问题

擅自设立项目、提高标准、扩大范围、不执行公示制度、不明码标价,不出具票据。

2.乱罚款问题

罚款主体及人员不合法,权限和程序不合法,滥用自由裁量权,同案不同罚,不执行“首违免罚”“轻微不罚”等制度。

3.乱检查问题

主体及人员不合法,标准和程序不合法,重复检查、多头检查、超频次检查,检查标准不清,临时提高要求或增设条件,变相检查、随意检查。

4.乱查封问题

违反法定条件或权限,违反法定程序或期限,超出合理范围和额度,查封无关人员、企业财产,违规异地查封,变相查封。

5.违规异地执法和趋利性执法问题

突破属地管辖原则,对“违法行为发生地”等概念随意做扩大解释,未经法定程序跨区域执法,人为制造异地管辖,小过重罚、“钓鱼执法”、选择性执法。

6.执法标准不一致、要求不统一、加重企业负担问题。

地方立法违反上位法,政策文件违反国家部署要求,执法标准不合理,部门间执法事项要求不衔接;对企业区别对待,形成不公平竞争环境。

7.违反执法规范要求问题

滥用职权、徇私枉法、该罚不罚、“吃拿卡要”、粗暴执法以及执法不作为等违反执法规范要求问题。

以权谋私、权钱交易;办关系案、人情案;不作为、慢作为、乱作为;接受管理对象的馈赠、报酬、福利待遇,参加管理对象提供的宴请、娱乐、旅游等活动,将执法费用转嫁给管理对象,违规指定中介服务。

二、线索反映渠道

自本公告发布之日起至2025930日。电话受理时间为工作日上班时间。

问题线索征集机关:达孜区司法局

问题线索征集电话:0891-6142273

电子邮箱:dazifalvyuanzhu@163.com

地址:拉萨市达孜区政府大院内。

三、注意事项

(一)为方便反映问题,提高线索质量,便于有效核实查办,请按照附件表格格式反映问题线索。同时应提供有效联系方式。

(二)提倡实名反映问题线索,受理部门将反映人意愿对反映的相关信息进行保密。反映人应当如实反映情况,对所反映的内容真实性负责,不得虚构、夸大、捏造事实,对借机诬告、陷害等行为,交有关机关依法追究责任。

(三)已由纪检监察机关、信访等部门受理,或已申请行政复议和进入司法程序的相关问题线索,不纳入本次线索受理征集范围。

欢迎广大企业和人民群众积极反映相关问题线索!感谢社会各界对涉企行政执法工作的关心支持和协助配合!

༄༅།།སྟག་རྩེ་ཆུས་ཀྱིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་འཛིན་གྱི་མངོན་གསལ་དོད་པའི་གནད་དོན་གྱི་ཁུངས་སྣེ་ཡོངས་བསྒྲགས་ངང་བསྡུ་ལེན་བྱ་རྒྱུའི་གསལ་བསྒྲགས།

ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་འཛིན་བྱ་སྤྱོད་ཕྱོགས་ཡོངས་ནས་ཚད་ལྡན་དུ་གཏོང་བ་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ལེགས་སུ་གཏོང་བ། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་། ད་ལྟ་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་འཛིན་གྱི་མངོན་གསལ་དོད་པའི་གནད་དོན་གྱི་ཁུངས་སྣེ་ཡོངས་བསྒྲགས་ངང་བསྡུ་ལེན་བྱ་རྒྱུ་ཡིན། འབྲེལ་ཡོད་དོན་ཚན་གྱི་གསལ་བསྒྲགས་གཤམ་གསལ་ལྟར།

ཁུངས་སྣེ་བསྡུ་ལེན་བྱེད་ཁོངས།

གང་འདོད་ལྟར་གྲོན་དངུལ་བསྡུ་བའི་གནད་དོན།

རང་དགར་རྣམ་གྲངས་འཛུགས་པ་དང་། ཚད་གཞི་མཐོ་རུ་གཏོང་བ། ཁྱབ་ཁོངས་རྒྱ་སྐྱེད་བྱས་པ། སྤྱི་བསྒྲགས་ལམ་ལུགས་ལག་བསྟར་མི་བྱེད་པ། རིན་གོང་མི་གསལ་བ། འཛིན་ཤོག་མི་སྤྲོད་པ་སོགས་ཀྱི་རིགས།

གང་འདོད་ལྟར་དངུལ་ཆད་གཅོད་པའི་གནད་དོན།

དངུལ་ཆད་གཏོང་བའི་བྱེད་པོ་དང་མི་སྣ་ཁྲིམས་མཐུན་མིན་པ་དང་། དབང་མཚམས་དང་གོ་རིམ་ཁྲིམས་མཐུན་མིན་པ། ཁྲིམས་ཐག་རང་གཅོད་དབང་ཆ་གང་བྱུང་དུ་སྤྱོད་པ། གྱོད་གཞི་གཅིག་ལ་ཆད་པ་གཅོད་སྟངས་མི་འདྲ་བ།ཐོག་མའི་སྒྲིག་འགལ་ལ་ཆད་པ་རྩ་ཆག་གཏོང་བ་དང་།སྒྲིག་འགལ་ཆུང་ངུར་ཆད་པ་མི་གཅོད་པ་སོགས་ཀྱི་ལམ་ལུགས་ལག་བསྟར་མི་བྱེད་པ་སོགས་ཀྱི་རིགས།

གང་འདོད་ལྟར་ཞིབ་བཤེར་བྱེད་པའི་གནད་དོན།

བྱེད་པོ་དང་མི་སྣ་ཁྲིམས་མཐུན་མིན་པ་དང་། ཚད་གཞི་དང་གོ་རིམ་ཁྲིམས་མཐུན་མིན་པ། བསྐྱར་ཟློས་ཞིབ་བཤེར་བྱེད་པ། སྣ་མང་ཞིབ་བཤེར་བྱེད་པ། ཚད་ལས་འགལ་བའི་ཞིབ་བཤེར་བྱེད་པ།ཞིབ་བཤེར་གྱི་ཚད་གཞི་ཁ་གསལ་མེད་པ། གནས་སྐབས་སུ་བླང་བྱ་མཐོ་རུ་གཏོང་བའམ་ཆ་རྐྱེན་མང་དུ་གཏོང་བ། རྣམ་པ་བསྒྱུར་ནས་ཞིབ་བཤེར་བྱེད་པ་དང་གང་བྱུང་གི་ཞིབ་བཤེར་བྱེད་པ་སོགས་ཀྱི་རིགས།

གང་འདོད་ལྟར་སྒོ་ཐེལ་རྒྱག་པའི་གནད་དོན།

ཁྲིམས་བཀོད་གི་ཆ་རྐྱེན་ནམ་དབང་ཚད་ལས་འགལ་བ། ཁྲིམས་བཀོད་གི་གོ་རིམ་མམ་དུས་ཚད་ལས་འགལ་བ་དང་། ལུགས་མཐུན་གྱི་ཁྱབ་ཁོངས་དང་གྲངས་བཅད་ལས་བརྒལ་བ། འབྲེལ་མེད་མི་སྣ་དང་ཁེ་ལས་ཀྱི་རྒྱུ་ནོར་ལ་སྒོ་ཐེལ་རྒྱག་པ། སྒྲིག་འགལ་གྱིས་ས་གནས་གཞན་དུ་སྒོ་ཐེལ་རྒྱག་པ། རྣམ་པ་བསྒྱུར་ནས་སྒོ་ཐེལ་རྒྱག་པ་སོགས་ཀྱི་རིགས།

སྒྲིག་འགལ་གྱིས་ས་གནས་གཞན་དུ་ཁྲིམས་འཛིན་དང་ཁེ་ཕན་ལེན་པའི་རང་བཞིན་གྱི་ཁྲིམས་འཛིན་གནད་དོན།

མངའ་ཁོངས་བདག་ཁོངས་ཀྱི་རྩ་དོན་ལས་བརྒལ་ཏེ། ཁྲིམས་འགལ་བྱ་སྤྱོད་ཐོན་ཡུལ་སོགས་ཀྱི་གོ་དོན་ལ་གང་འདོད་དུ་རྒྱས་བཤད་བྱེད་པ། ཁྲིམས་བཀོད་གོ་རིམ་མ་བརྒྱུད་པར་ས་ཁོངས་ལས་བརྒལ་བའི་ཁྲིམས་འཛིན་བྱེད་པ། མིས་བཟོས་ས་ཆ་གཞན་དུ་བདག་ཁོངས་བྱེད་པ། སྒྲིག་འགལ་ཆུང་ཡང་ཆད་པ་ལྕི་བ།གཡོ་འགུག་ཁྲིམས་འཛིན་བྱེད་པ། གདམ་གསེས་རང་བཞིན་གྱི་ཁྲིམས་འཛིན་བྱེད་པ་སོགས་ཀྱི་རིགས།

ཁྲིམས་འཛིན་གྱི་ཚད་གཞི་གཅིག་མཐུན་མིན་པ་དང་། བླང་བྱ་གཅིག་གྱུར་མིན་པ། ཁེ་ལས་ཀྱི་ཁུར་པོ་ལྕི་རུ་གཏོང་བ་བཅས་ཀྱི་གནད་དོན།

ས་གནས་ཀྱི་ཁྲིམས་འཛུགས་དེ་གོང་རིམ་བཅའ་ཁྲིམས་དང་འགལ་བ་དང་། སྲིད་ཇུས་ཡིག་ཆ་དེ་རྒྱལ་ཁབ་ཀྱི་བཀོད་སྒྲིག་བླང་བྱ་དང་འགལ་བ། ཁྲིམས་འཛིན་ཚད་གཞི་ལུགས་མཐུན་མིན་པ། སྡེ་ཁག་དབར་གྱི་ཁྲིམས་འཛིན་དོན་ཚན་གྱི་བླང་བྱ་སྦྲེལ་མཐུད་མི་བྱེད་པ། ཁེ་ལས་ལ་ལྟ་སྟངས་མི་འདྲ་བ་འཛིན་བ། དྲང་གཞག་མིན་པའི་འགྲན་རྩོད་ཁོར་ཡུག་ཆགས་པ་སོགས་ཀྱི་རིགས།

ཁྲིམས་འཛིན་ཚད་ལྡན་གྱི་བླང་བྱ་དང་འགལ་བའི་གནད་དོན།

འགན་དབང་གང་བྱུང་དུ་སྤྱོད་པ་དང་། ཉེ་ཕྱོགས་ཁྲིམས་འགལ་གྱི་བྱ་སྤྱོད་ཡོད་པ། ཆད་པ་གཅོད་དགོས་ཡང་མི་གཅོད་པ།གསོལ་སྟོན་དང་ལེན་དང་རྒྱུ་ནོར་ལྐོག་ལེན། གེགས་རྐྱེན་བཟོ་བ། ཁེ་ཕན་ལེན་པ། རྩུབ་སྤྱོད་ཀྱི་ཁྲིམས་འཛིན་བྱེད་པ་དང་དེ་བཞིན་ཁྲིམས་འཛིན་བྱེད་སྐབས་དགོས་པའི་ལས་མི་བྱེད་པ་སོགས་ཁྲིམས་འཛིན་ཚད་ལྡན་གྱི་བླང་བྱ་དང་འགལ་བའི་གནད་དོན་རིགས།

དབང་ཆར་བརྟེན་ནས་སྒེར་དོན་གཉེར་བ་དང་རྒྱུ་དབང་ཉོ་ཚོང་བྱེད་པ། འབྲེལ་ཡོད་མིའི་གྱོད་གཞི་དང་ངོ་ཆེན་གྱི་གྱོད་གཞི་བསྒྲུབ་པ། དགོས་པའི་ལས་མི་བྱེད་པ་དང་། བྱེད་ལས་དལ་བ། གང་བྱུང་དུ་སྒྲུབ་པ། དོ་དམ་བྱ་ཡུལ་གྱི་འབུལ་ཚན་དང་། ཐོབ་ཆ། ཕན་བདེའི་ཐོབ་ཐང་བཅས་དང་ལེན་བྱེད་པ། དོ་དམ་བྱ་ཡུལ་གྱིས་མཁོ་འདོན་བྱས་པའི་གསོལ་སྟོན་དང་། རོལ་རྩེད། ཡུལ་སྐོར་སོགས་ཀྱི་བྱེད་སྒོར་ཞུགས་པ། ཁྲིམས་འཛིན་གྲོན་དངུལ་དེ་དོ་དམ་བྱ་ཡུལ་ལ་རང་འགན་གཞན་དཀྲི་བྱེད་པ། སྒྲིག་འགལ་གྱིས་མཚམས་སྦྱོར་ཞབས་ཞུ་གཏན་འཁེལ་བྱེད་པ་སོགས་ཀྱི་རིགས།

ཁུངས་སྣེ་ཞུ་བའི་ཐབས་ལམ།

གསལ་བསྒྲགས་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་༢༠༢༥ལོའི་ཟླ་༩ཚེས་༣༠ཉིན་བར་ཡིན། ཁ་པར་ཐོག་ནས་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ལས་ཀའི་ཉིན་མོའི་གཞུང་དོན་སྒྲུབ་པའི་དུས་ཚོད་ཡིན།

གནད་དོན་ཁུངས་སྣེ་བསྡུ་ལེན་བྱེད་པའི་ལས་ཁུངས། སྟག་རྩེ་ཆུས་ཁྲིམས་འཛིན་ཅུད།

གནད་དོན་ཁུངས་སྣེ་བསྡུ་ལེན་བྱེད་པའི་ཁ་པར། 0891-6142273

གློག་རྡུལ་ཡིག་སྒམ།   dazifalvyuanzhu@163.com

ས་གནས། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་མི་དམངས་སྲིད་གཞུང་གི་སྒོ་རའི་ནང་།

དོ་སྣང་བྱ་དགོས་པའི་དོན་ཚན།

དང་པོ།གནད་དོན་ཞུ་བར་སྟབས་བདེ་བ་དང་། ཁུངས་སྣེ་སྤུས་ཚད་མཐོར་འདེགས་གཏོང་བ། ཞིབ་གཅོད་ནུས་ལྡན་བྱེད་བདེ་བ་བཅས་ཡོང་ཆེད། ཟུར་བཀོད་རེའུ་མིག་གི་རྣམ་གཞག་ལྟར་གནད་དོན་གྱི་ཁུངས་སྣེ་ཞུ་འབུལ་བྱ་དགོས། དུས་མཚུངས་སུ་ནུས་ལྡན་གྱི་འབྲེལ་གཏུག་བྱེད་ཐབས་འདོན་སྤྲོད་གནང་རོགས།

གཉིས་པ།གནད་དོན་གྱི་ཁུངས་སྣེ་མིང་དངོས་ཐོག་ཞུ་རྒྱུ་དར་སྤེལ་གཏོང་བ་དང་། བདག་སྤྲོད་སྡེ་ཚན་གྱིས་ཞུ་མཁན་གྱི་འདོད་བློ་ལྟར་ཞུས་པའི་འབྲེལ་ཡོད་ཆ་འཕྲིན་གསང་སྲུང་བྱ་དགོས། ཞུ་མཁན་གྱིས་གནས་ཚུལ་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས་པ་དང་། ཞུས་པའི་ནང་དོན་གྱི་དོན་དངོས་རང་བཞིན་ལ་འགན་འཁུར་དགོས་པ་ལས། རྟོག་བཟོ་དང་། སྒྲོ་འདོགས། དོན་དངོས་རྫུན་བཟོ་བཅས་བྱས་མི་ཆོག གོ་སྐབས་དང་བསྟུན་ནས་སྙོན་འཛུགས་དང་། ཉེས་འགེལ་སོགས་ཀྱི་བྱ་སྤྱོད་དག་འབྲེལ་ཡོད་ལས་ཁུངས་ལ་སྤྲད་ནས་ཁྲིམས་ལྟར་འགན་འཁྲི་བདའ་འདེད་བྱ་རྒྱུ་ཡིན།

གསུམ་པ།སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་ཡིག་སྐུར་ངོ་བཅར་སོགས་སྡེ་ཁག་གིས་བདག་སྤྲོད་བྱས་ཟིན་པའམ་ཡང་ན་སྲིད་འཛིན་བསྐྱར་གྲོས་རེ་ཞུ་བྱས་ཟིན་པ་དང་། ཁྲིམས་འཛིན་གོ་རིམ་ནང་ཞུགས་པའི་འབྲེལ་ཡོད་གནད་དོན་གྱི་ཁུངས་སྣེ་དག་ཐེངས་འདིའི་ཁུངས་སྣེ་བདག་སྤྲོད་བསྡུ་ལེན་བྱེད་པའི་ཁྱབ་ཁོངས་སུ་མི་འཇུག་པ་བྱ་རྒྱུ།།

རྒྱ་ཆེའི་ཁེ་ལས་དང་མི་དམངས་མང་ཚོགས་ཀྱིས་འབྲེལ་ཡོད་གནད་དོན་གྱི་ཁུངས་སྣེ་ཧུར་ཐག་ཞུ་བར་སེམས་གཏིང་ནས་དགའ་བསུ་ཞུ་རྒྱུ་ཡིན། སྤྱི་ཚོགས་ལས་རིགས་ཁག་གིས་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་འཛིན་ལས་དོན་ལ་ཐུགས་ཁུར་རྒྱབ་སྐྱོར་དང་རོགས་རམ་གཞོགས་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

分享到:
责任编辑:董予川