拉萨市达孜区住房和城乡建设局关于城区及周边禁止放养家禽家畜的通告
为加强治理城区及周边放养家禽家畜违法行为,杜绝放养畜禽妨碍公共交通、破坏绿化、啃食植被、乱排粪便、损坏城市公共设施、影响城市环境卫生和市容市貌等现象,根据《中华人民共和国公路法》《公路安全保护条例》《城市市容和环境卫生管理条例》《拉萨市市容环境卫生管理条例》《拉萨市城市绿化条例》《拉萨市城市管理综合执法办法》等法律法规和有关规定,结合拉萨市环境卫生综合整治工作要求,经达孜区委、区政府研究,决定对城区及周边放养家禽家畜行为进行专项整治。现将有关事宜通告如下。
一、严禁任何单位和个人在城区及周边主街道、次干道、公园、广场、绿地、居民生活小区等公共场所随地放养家禽家畜(指猪、牛、羊、犬、兔、鸡、鸭、鹅等畜禽,下同)。
二、城市居民圈(拴)养的家禽家畜,应当加强防疫、消毒和粪污处理,不得影响环境卫生。死亡畜禽要进行无害化处理(深埋、焚烧等)、消毒,防止疫情传播。畜禽粪便应当按照相关规定处理,禁止随意丢弃或倒入城市垃圾池(桶)。
三、饲养单位或个人应当防止家禽家畜进入城区妨碍公共交通、损坏城市公共设施、破坏绿地及绿化设施、影响市容环境卫生。如因家禽家畜管理不当造成损失,由牲畜所有单位或个人按照法律法规承担法律责任。
四、城乡各乡镇、各村委会、各居委会、各社区应当通过各种形式深入宣传国家法律法规的规定以及创建国家级卫生城市的工作要求,做好日常巡查工作。辖区机关、企事业单位、人民团体、社会组织、物业管理等单位应积极支持与配合,加强干部职工、住户的思想教育,做好本单位、住宅区的家禽家畜圈(拴)养工作。
五、在禁止区域内放养家禽家畜,出现妨碍公共交通、破坏环境卫生、损坏绿化设施、违反防疫要求等行为,由公路交通、城市管理、农业农村、卫生防疫等部门按照部门职能依法依规进行查处。
六、任何单位和个人不得阻挠、干扰和扰乱整治工作。对于妨碍行政执法工作的,将依法追究其法律责任。
七、本通告自发布之日起实施。
特此通告
拉萨市达孜区住房和城乡建设局
2024年10月11日
༄༅།།གྲོང་ཁུལ་དང་དེའི་མཐའ་འཁོར་དུ་ཁྱིམ་བྱ་དང་སྒོ་ཕྱུགས་གློད་ནས་གསོ་མི་ཆོག་པའི་སྐོར་གྱི་བརྡ་ཁྱབ།
གྲོང་ཁུལ་དང་དེའི་མཐའ་འཁོར་དུ་ཁྱིམ་བྱ་དང་སྒོ་ཕྱུགས་གློད་ནས་གསོ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་དང་། སྒོ་ཕྱུགས་གློད་ནས་སྤྱི་པའི་འགྲིམ་འགྲུལ་ལ་འགོག་རྐྱེན་བཟོ་བ་དང་སྔོ་ལྗང་ཁུལ་ལ་གཏོར་བཤིག་གཏོང་བ།རྩྭ་རྩི་ཤིང་བཟའ་བ་དང་ལྕི་བ་གང་བྱུང་དུ་གཏོང་བ།གྲོང་ཁྱེར་གྱི་སྤྱི་སྤྱོད་སྒྲིག་བཀོད་ལ་གཏོར་བཤིག་གཏོང་བ་དང་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་དང་གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་ངན་པ་བཟོ་བ་སོགས་ཀྱི་སྣང་ཚུལ་གཏན་འགོག་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམས》དང་《གཞུང་ལམ་བདེ་འཇགས་ཀྱི་སྲུང་སྐྱོང་སྲོལ་ཡིག》《གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་གྱི་སྲོལ་ཡིག》《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་གྱི་རྣམ་པའི་ཁོར་ཡུག་འཕྲོད་བསྟེན་དོ་དམ་གྱི་སྲོལ་ཡིག》དེ་བཞིན་《ལྷ་ས་གྲོང་ཁྱེར་གྱི་སྔོ་ལྗང་ཅན་དུ་འགྱུར་བའི་སྲོལ་ཡིག》སོགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས།རང་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ།སྟག་རྩེ་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། རང་ཆུས་ཀྱི་གྲོང་ཁུལ་དང་དེའི་མཐའ་འཁོར་དུ་ཁྱིམ་བྱ་དང་སྒོ་ཕྱུགས་གློད་ནས་གསོ་བའི་བྱ་སྤྱོད་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་ཡིན་པས།འབྲེལ་ཡོད་གནད་དོན་ཀྱི་བརྡ་ཁྱབ་གཤམ་གསལ་ལྟར་ཡིན།
གཅིག ཚན་པ་དང་མི་སྒེར་གང་རུང་གིས་གྲོང་ཁུལ་དང་ཉེ་འགྲམ་གྱི་གཙོ་གནད་ཁྲོམ་ལམ་དང་། ཡན་ལག་གཞུང་ལམ། སྤྱི་གླིང་། ཐང་ཆེན། སྔོ་ལྗང་ཁུལ། གྲོང་མིའི་འཚོ་སྡོད་ཁུལ་ཆུང་སོགས་སྤྱི་པའི་མི་ཚོགས་འདུ་འཛོམས་ཁུལ་དུ་ཁྱིམ་བྱ་དང་སྒོ་ཕྱུགས་གློད་ནས་གསོ་མི་ཆོག(སྒོ་ཕྱུགས་དང་ཁྱིམ་བྱ་ནི་ཕག་པ་དང་བ་ཕྱུགས། ལུག ཁྱི། ར་བོང་། བྱ་དེ། ངང་པ་སོགས་ལ་བརྗོད་ཀྱི་ཡོད། གཤམ་དུའང་གཅིག་མཚུངས་ཡིན།)
གཉིས། གྲོང་ཁྱེར་གྱི་གྲོང་མིས་ཁྱིམ་དུ་བཏགས་ནས་གསོ་བའི་སྒོ་ཕྱུགས་དང་བཅུག་ནས་གསོ་བའི་ཁྱིམ་བྱ་དེ་དག་གི་རིམས་ནད་སྔོན་འགོག་དང་དུག་སེལ། དེ་བཞིན་ལྕི་བ་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཁོར་ཡུག་འཕྲོད་བསྟེན་ལ་ཤུགས་རྐྱེན་མི་ཐེབས་པ་བྱ་དགོས་པ་མ་ཟད། ཤི་སྐྱོན་བྱུང་བའི་སྒོ་ཕྱུགས་རྣམས་(ས་སྦས་གཏོང་བ་དང་མེར་བསྲེགས་པ་སོགས་)གནོད་མེད་ཐག་གཅོད་བྱེད་པ་དང་དུག་སེལ་བྱས་ཏེ། རིམས་ནད་འགོས་ཁྱབ་མི་ཡོང་བའི་སྔོན་འགོག་གང་ལེགས་བྱ་དགོས། སྒོ་ཕྱུགས་ཀྱི་ལྕི་བ་འབྲེལ་ཡོད་ཀྱི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་དགོས་པ་ལས། གང་བྱུང་དུ་གཡུག་པ་དང་གྲོང་ཁྱེར་གྱི་གད་སྙིགས་བླུག་སྣོད་ནང་བཤོ་མི་ཆོག
གསུམ། གསོ་ཚགས་ཚན་པ་དང་མི་སྒེར་གྱིས་ཁྱིམ་བྱ་དང་སྒོ་ཕྱུགས་གྲོང་ཁུལ་དུ་འཛུལ་ནས་སྤྱི་པའི་འགྲིམ་འགྲུལ་དང་གྲོང་ཁྱེར་གྱི་སྤྱི་པའི་སྒྲིག་བཀོད།དེ་བཞིན་སྤང་ཐང་དང་ལྗང་འགྱུར་སྒྲིག་བཀོད་སོགས་ལ་གཏོར་བཤིག་བཏང་ནས་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་ལ་གནོད་འཚེ་བཟོ་བའི་རིགས་ཐོན་རྒྱུར་སྔོན་འགོག་དང་དོགས་ཟོན་བྱ་དགོས། གལ་ཏེ་ཁྱིམ་བྱ་དང་སྒོ་ཕྱུགས་དོ་དམ་ཡག་པོ་མ་བྱུང་བའི་རྐྱེན་གྱིས་གྱོང་གུན་བཟོས་ཚེ། ཕྱུགས་ཟོག་བདག་དབང་ཚན་པའམ་མི་སྒེར་གྱིས་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་དེ་འཚམ་གྱི་ཁྲིམས་ལུགས་འགན་འཁྲི་འཁུར་དགོས།
བཞི། གྲོང་ཁུལ་གྱི་ཁྲོམ་གཞུང་དང་སྡེ་ཁུལ་སོ་སོས་རྣམ་པ་སྣ་ཚོགས་ཀྱི་བྱ་ཐབས་བརྒྱུད་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས། དེ་བཞིན་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར་འཛུགས་གཏོད་བྱེད་པའི་ལས་ཀའི་བླང་བྱ་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། རྒྱུན་གཏན་གྱི་སྐོར་ཞིབ་ལས་དོན་ལེགས་པོ་སྒྲུབ་དགོས། ཁོངས་གཏོགས་ས་ཁུལ་གྱི་ལས་ཁུངས་དང་། ཁེ་ལས་བྱ་ལས་ཚན་པ། མི་དམངས་ཚོགས་པ། སྤྱི་ཚོགས་རྩ་འཛུགས། སྡེ་ལས་དོ་དམ་སོགས་ཚན་པས་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ཁར་ལས་བྱེད་ལས་བཟོ་དང་།གནས་སྡོད་ཐེམ་དུད་ལ་བསམ་བློའི་སློབ་གསོ་བརྒྱབ་སྟེ་ཚན་པ་དེ་གའི་གནས་སྡོད་ཐེམ་དུད་ཀྱིས་སྒོ་ཕྱུགས་བཏགས་པ་དང་ཁྱིམ་བྱ་བཅུག་ནས་གསོ་ཚགས་བྱེད་པའི་ལས་དོན་ལེགས་པོ་བསྒྲུབ་དགོས།
ལྔ། བཀག་སྡོམ་ཁུལ་དུ་ཁྱིམ་བྱ་དང་སྒོ་ཕྱུགས་གང་བྱུང་དུ་གློད་ནས་གསོ་ཚགས་བྱས་ཏེ། སྤྱི་པའི་འགྲིམ་འགྲུལ་ལ་འགོག་རྐྱེན་བཟོས་པ་དང་།ཁོར་ཡུག་འཕྲོད་བསྟེན་དང་སྔོ་ལྗང་སྒྲིག་བཀོད་ལ་གཏོར་བཤིག་གཏོང་བ།རིམས་ནད་སྔོན་འགོག་གི་བླང་བྱ་ལས་འགལ་བ་སོགས་ཀྱི་བྱ་སྤྱོད་ཐོན་ཕྱིན། གཞུང་ལམ་འགྲིམ་འགྲུལ་དང་གྲོང་ཁྱེར་དོ་དམ། ཞིང་ལས་གྲོང་གསེབ། འཕྲོད་བསྟེན་རིམས་འགོག་སོགས་ཚན་པའི་འགན་ནུས་ལ་གཞིགས་ནས་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་ཞིབ་བཤེར་ཆད་གཅོད་བྱ་རྒྱུ།
དྲུག ཚན་པ་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་བཅོས་སྒྲིག་ལས་ཀར་འགོག་རྐྱེན་དང་། འགལ་རྐྱེན་བཟོ་བ། ཟིང་ཆ་སློང་བ་བཅས་བྱེད་མི་ཆོག་སྲིད་འཛིན་ཁྲིམས་སྐྱོང་ལས་དོན་ལ་འགོག་རྐྱེན་བཟོ་མཁན་ཡོད་ཚེ། ཁྲིམས་ལྟར་ཁྲིམས་ལུགས་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན།
བདུན།བརྡ་ཁྱབ་དེ་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན།
དམིགས་སུ་བརྡ་ཁྱབ་འདི་བཏང་ཡོད།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུད་ནས།
2024ལོའི་ཟླ་10ཚེས11ཉིན་ལ།