ནུས་ཤུགས་ཡོད་རྒུས་མཁོ་སྤྲོད་འགན་སྲུང་བྱ་རྒྱུ་ཡིན་པས་སེམས་ཁྲལ་གནང་མི་དགོས། ——རྒྱ་ཆེའི་གྲོང་མིར་སྤྲིངས་པའི་འཕྲིན་ཡིག 全力保供 请您放心——致广大市民的一封信

达孜区人民网站:dzq.lasa.gov.cn    2020年01月28日    访问量:    来源:拉萨市发改委、拉萨市商务局    作者:白丽达

མཛའ་བརྩེ་དང་ལྡན་པའི་རྒྱ་ཆེའི་གྲོང་མི་རྣམ་པ།  

亲爱的市民朋友们:

ཐོག་མར་ཁྱེད་ཚོར་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་ཞུ་རྒྱུ་དང་།སྐབས་འདིར་ང་ཚོ་མཉམ་དུ་ལྷིང་འཇགས་ཀྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཁོམ་མེད་པར་རྒྱལ་ཡོངས་ཀྱི་ས་གནས་མང་པོར་ཐོན་པའི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ལ་ཀྲུང་གོ་བ་ཚང་མས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་ལ་མི་གསོད་ཁྲག་སྦྱོར་མེད་པའི་དམག་འཐབ་ཅིག་སྤེལ་འགོ་ཚུགས་ཡོད།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱིས་མཛུབ་སྟོན་གལ་ཆེན་གནང་བ། གྲོང་ཁྱེར་ཡོངས་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་དུས་ཚོད་དམ་འཛིན་གྱིས་དཀའ་གནད་ལས་སྒྲོལ་བཞིན་ཡོད།༢༠༢༠ལོའི་ཟླ་༡ཚེས་༢༧ཉིན་ནས་བཟུང་ལྗོངས་ཡོངས་ཀྱིས་གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་འབོད་སྐུལ་རིམ་པ་གཉིས་པ་ལག་བསྟར་བྱེད་འགོ་བཙུགས་ཏེ་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་ཀྱི་རིམས་ནད་ནུས་ཤུགས་ཡོད་རྒུས་བཀག་འགོག་བྱེད་པ་དང་གྲོང་ཁྱེར་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་དང་སྤེལ་མུས་ཡིན།

2020127

ཉེ་ཆར། གྲོང་མི་ཁག་གཅིག་གིས་འཚོ་བའི་དངོས་རྫས་ཧབ་ཐོབ་ཀྱིས་ཉོ་བ་དང་གསོག་ཉར་བྱེད་པའི་སྣང་ཚུལ་ཐོན་ནས་ཚང་མར་སེམས་ཁྲལ་ཆེན་པོ་བཟོས་འདུགརིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུན། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གྲོང་ཁྱེར་ཚོང་དོན་ཅུད་ཀྱིས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་སོགས་འབྲེལ་ཡོད་སྡེ་ཚན་དང་།ཆུད་རྫོང་སྲིད་གཞུང་དང་མཉམ་དུ་བྱ་ཐབས་ནུས་ལྡན་སྤྱད་དེ་མཁོ་སྤྲོད་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་། མཁོ་སྤྲོད་འགན་ལེན་གྱི་ཟོག་འགྲེམས་བགྲོད་ལམ་ཤར་གཏོང་། ཐོན་སྐྱེད་དང་བྲིན་ཚོང་གི་མཉམ་ལས་བརྟན་པོ་འཛུགས་པ། ཟོག་ཁུངས་སྒྲིག་འཛུགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ལྕག་སྐུལ་བྱེད་པ། དངོས་ཟོག་གྲབས་གསོག་མང་དུ་གཏོང་བ་བཅས་བྱས་ཡོད།

近日,出现了部分市民抢购囤积生活物资的现象,引起了大家的担忧。疫情防控工作开展以来,在市委、市政府的坚强领导下,市商务局与市发改委等相关部门和区县政府共同采取有效措施,动态监测供应情况、畅通保供物流通道、建立稳定产销合作、拓宽货源组织渠道、敦促加大采购力度、增加物资储备供给。

མིག་སྔར་ལྷ་སའི་ཁྲོམ་རའི་ཐོག་རྩམ་པ་དང་། མར། འབྲུ་སྣུམ། གྲོ་ཞིབ། ཤ་ཚལ། ཉིན་མཁོའི་མཁོ་ཆས་སོགས་འཚོ་བའི་དངོས་ཟོག་གྲབས་གསོག་འདང་ངེས་ཡོད་པ་དང་། མཁོ་སྤྲོད་འདང་ངེས་ཐུབ་པ། སྣ་ཁ་ཕུན་སུམ་ཚོགས་པ། རིན་གོང་སྤྱིར་ན་བརྟན་པོ་བཅས་ཡོད་ལ། གྲོང་ཁྱེར་ཡོངས་ཀྱི་ཚོང་ཁང་ཁག་དང་། སྒོ་རྩིས་ཚོང་ཁང་། ཞིང་ཟོག་ཉོ་ཚོང་ཁྲོམ་ར། དེ་བཞིན་བཟའ་བཅའ་སྡེབ་ཚོང་སིལ་ཚོང་ཁང་བཅས་ཚང་མ་རྒྱུན་གཏན་ལྟར་ཚོང་གཉེར་བྱེད་བཞིན་ཡོད་པས་རྒྱ་ཆེའི་གྲོང་མི་ཚོས་ཧབ་ཐོབ་བརྒྱབ་ནས་གསོག་ཉར་བྱེད་མི་དགོས། དེ་དང་ཆབས་ཅིག་རྒྱ་ཆེའི་གྲོང་མི་དང་གྲོགས་པོ་ཚོས་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་མི་ཤོད་པ། རང་རྟོགས་ངང་ཁྲོམ་རའི་སྒྲིག་ལམ་རྒྱུན་འཁྱོངས་བྱེད་པ། ལུགས་མཐུན་འཛད་སྤྱོད་བྱེད་པ་བཅས་ཀྱི་རེ་བ་ཡོད།

目前,拉萨市场上糌粑、酥油、粮油、米面、肉菜、日用品等生活物资储备充足,供应充裕,品类丰富,价格基本稳定;全市各商场、超市、农贸市场及各食品批发零售店均正常营业,请广大市民朋友们不必抢购囤积。同时,希望广大市民朋友不信谣、不传谣,自觉维持市场秩序,理性消费。

ང་ཚོ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་མིག་རྒྱང་རིང་པོས་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་ཐབས་ཇུས་དང་།ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད།རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་བཅས་ལ་བརྟེན་ནས་འཇིགས་སྣང་གི་བསམ་པ་འདོར་ཚེ།གློ་ཚད་ཀྱི་ནད་ཡམས་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན།

让我们攥指成拳,合力致远,在党中央的英明决策下,在区市党委的正确领导下,在全国人民的大力支持下,一定能够打败恐慌情绪,战胜肺炎疫情!

ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུད་ནས།

   

༢༠༢༠ལོའི་ཟླ་༡ཚེས་༢༨ཉིན།

2020128


分享到:
责任编辑:白丽达